ཚོར་བའི་འཕར་མཆོང་།

ཕྱི་ཀོག་ཕྱི་རུ་དོར་བའི་ཤུལ།།

ནང་སྙིང་གསོན་པོ་འཕར་ཞིང་ལྡིང་།།
འཕར་ཚད་མྱུར་བའི་རྡིག་སྒྲ་དེས།།
འཛམ་གླིང་ཡོངས་ཀྱི་སེམས་རྩ་བསྒུལ།།

གསང་བ་གྲུ་ཁུག་དམར་པོ་ནས།།
ཨ་གསུམ་མེ་ཡི་ཚ་རླབས་འབར།།
འབར་ཤུགས་ཆེ་བའི་འུར་སྒྲ་དེས།།
བདེ་བའི་གོ་སྐབས་དབྱིངས་སུ་སྤར།།

སྲེད་ཞེན་ཁྲག་མཚོ་ཁོལ་མའི་ཀློང་།།
ཁྲག་གི་དྲི་རླངས་གྱེན་དུ་འཕྱུར།།
འཕྱུར་རླབས་ཆེ་བའི་ངད་པ་ཡིས།།
ཁ་མིག་སྣ་ལྕེ་གྲུ་གསུམ་བསྒྱུར།།

ས་འོག་དགུ་ཡི་མར་ཞབས་ནས།།
མེ་རི་ཞིག་གི་སྲུབ་ཁ་གྱེས།།
གྱེས་ཤུལ་ཟགས་པའི་ཆུ་རྒྱུན་དེས།།
ས་སྟེང་ཡོངས་རྫོགས་སྨུག་ཞོད་འཁྲིགས།།

ནུབ་ཕྱོགས་ཉི་མ་ནུབ་ས་ནས།།
གློག་འོད་གསར་པའི་དྲ་བ་འཁྲིགས།།
གློག་ཤུགས་རྒྱས་པའི་སྐུད་ལམ་ནས།།
ཚན་རྩལ་ལྷ་མོ་ཁབ་ཏུ་བསུས།།

མཐོ་གསུམ་གོ་ལའི་སྤྱི་གཙུག་ནས།།
སེང་ཕྲུག་ལུས་ཕུང་གྲང་བས་མནར།།
མནར་གཅོད་ཟུག་གཟེར་ཞི་བའི་ཕྱིར།།
ལྟོ་བའི་ཐད་ཀར་ཨོང་ནུད་བྱས།།

དེ་ལྟའི་ཡ་མ་ཟུང་གི་ཚིག།
སེམས་ཀྱི་གདར་ནས་མཆོང་བསྐྱོད་ཤོར།།
དོན་སྙིང་གང་ཞིག་ཡིན་མིན་དེ།།
རང་གི་ཡིད་ལ་ཁྲིག་ཁྲིག་མེད།།

Advertisements

One thought on “ཚོར་བའི་འཕར་མཆོང་།

དགོངས་ཚུལ་ཞོགས།

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  བཟོ་བཅོས། )

Google+ photo

You are commenting using your Google+ account. Log Out /  བཟོ་བཅོས། )

Twitter picture

You are commenting using your Twitter account. Log Out /  བཟོ་བཅོས། )

Facebook photo

You are commenting using your Facebook account. Log Out /  བཟོ་བཅོས། )

w

Connecting to %s