ཤི་མ་གསོན་གྱི་སྡར་སྐད།

ས་ཆེན་པོ་ལ་གཟའ་གྲིབ་ཕོག་ནས།

གཉའ་རྒྱུས་འཐེན་སོང་། སྒྱིད་པ་ཧྲེང་སོང་།
མགོ་འདར་བསིག་སོང་། སྐད་གོག་ཤོར་སོང་།
འཇིག་རུང་གི་གཡོ་འགུལ་ཁྲོད་ནས་གཅེས་པའི་ཚེ་སྲོག་དང་།

ནོམ་པའི་རྒྱུ་དངོས་བརླམས་ཐལ།
མ་ཀི་ན།
དྭ་བུ་ལས་ངན་ཞིག་གིས་མ་རོའི་ནུ་ཟུང་འཐམ།
ཕ་མ་ངུ་རྒྱུག་བྱེད་བཞིན་གཅེས་ཕྲུག་མིང་ནས་འབོད། ད་དུང་ ངའི་ཁང་ཁྱིམ་ ངའི་ཕ་མ། ངའི་བཟའ་ཟླ་ཞེས་གདུང་འབོད་ཀྱིས་ངུད་མོ་འདེབས་སའི་དུར་ས་འདིར། ང་གསོན་པོར་གནས་ཡོད།
ང་སླར་ཡང་གསོན་འདོད།
༢༠༡༥། ༤། ༢༧ཉིན་ཏི་སེའི་བུས།

Advertisements

དགོངས་ཚུལ་ཞོགས།

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out / བཟོ་བཅོས། )

Twitter picture

You are commenting using your Twitter account. Log Out / བཟོ་བཅོས། )

Facebook photo

You are commenting using your Facebook account. Log Out / བཟོ་བཅོས། )

Google+ photo

You are commenting using your Google+ account. Log Out / བཟོ་བཅོས། )

Connecting to %s