འཁྲུངས་སྐྱེས་ལྷ་ཡི་མེ་ཏོག།

ཀུན་བཟང་ངང་དུ་མཉམ་ཡང་མི་ཡི་ཚུལ།།

དཀའ་བ་མཐའ་རུ་ཕྱིན་ཀྱང་དཀའ་ཐུབ་བརྩོན།།
འདིར་སྣང་སྒྱུ་མར་རྟོགས་ཀྱང་འགྲོ་ལ་ཆགས།།
མཉམ་མེད་རྒྱལ་བའི་རྒྱལ་ཚབ་སྨན་རི་བ།། མུ་མཐུད་ཀློག

Advertisements

བོན་གྱི་ལྟ་བ།

དེ་ཡང་སྟོན་པ་གཤེན་རབ་ཀྱིས་གསུངས་པའི་《མདོ་》ལས། ལྟ་བ་ནི་ཡས་ཕུབ་ཅིག སྤྱོད་པ་ནི་མས་འཛེགས་ཤིག གཞི་སྙིང་རྗེ་ཆེན་པོ་ལ་ལོངས་ཤིག   ཐབས་པ་རོལ་ཕྱིན་དྲུག་ལ་སྤྱོད་ཅིག་ཅེས་འཁོར་རྣམས་ལ་གསུངས་པ་ལྟར། ལྟྭ་བ་ནི། གདུལ་བྱའི་ཁྱད་པར་ལས། མདོ་ལྟར། གྲུབ་མཐའ་གོང་འོག་དང་། སྔགས་ལྟར་རྒྱུད་སྡེ་གོང་འོག་གི་རིམ་པ་བྱུང་བས། གྲུབ་མཐའ་འོག་མ་ལ་གཤེན་རབ་རྣམ་རྩོད་པ་དང་། རང་རྟོགས་གཤེན་རབ་པ་གཉིས། གོང་མ་ལ། ཐུགས་རྗེ་སེམས་དཔའ་སེམས་ཙམ་པ་དང་། གཡུང་དྲུང་སེམས་དཔའ་སྤྲོས་མེད་པ་གཉིས་ཏེ་བཞི་བྱུང་བས། རེ་རེ་ལ་ལྟ་བའི་ཁྱད་པར་ཡོད་ལ། སྤྲོས་མེད་པ་ནི་དབུ་མ་བ་ཡིན་པས། མདོ་ལུགས་ལྟ་བ་རྣམ་པར་དག་པའམ། ཆེས་མཐོ་བའི་ལྟ་བ་སྟེ། ལྟ་བ་ཡས་ཕུབ་ཅེས་པ་དེ་ལ་གསུངས། དེ་ཉིད་རྟོགས་པའི་ཐབས་ལ། བདག་མེད་རྣམ་གཉིས་གཏན་ལ་ཕབ་དགོས་པས། སྟོན་པ་ཉིད་ཀྱིས་《འབུམ་ཤེར་ཕྱིར་》《ཁམས་ཆེན་སྟོང་ཕྲག་བརྒྱ་པ》སོགས་འབུམ་སྡེ་པོ་ཏི་མང་པོ་གསུངས་པ་ནི། བདག་གཉིས་རིང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་པ་ཁོ་ནའི་དོན་ཡིན།